Tuesday, November 18, 2008

ལྷ་ས། ལྷ་ས་ལགས།


ལེའུ་དང་པོ།
ལྷ་ས། ལྷ་ས་ལགས།
ལྷ་ས། ལྷ་ས་ལགས། ངས་ཇི་ལྟར་བརྗོད་ན་ལེགས་སམ།
དཔེ་མཚོན་ཞིག་ཞུས་ན་ལོ་ཞིག་གི་ལོ་སར་ཚེས་གཅིག་གི་ཞོགས་པར། ངས་ལྷ་སའི་བསྐོར་ལམ་དུ་བརྐྱངས་ཕྱག་འཚལ་བའི་གྲྭ་བཙུན་ཉིས་བརྒྱ་ལྷག་གི་རྗེས་བསྙེགས་ཏེ་རང་ཉིད་ཀྱི་རིན་གོང་ཆུང་བའི་པར་ཆས་བཟུང་ནས་བྱང་ཆ་བྲལ་པའི་ལག་རྩལ་གྱིས་ནམ་རྒྱུན་མཐོང་དཀོན་པའི་ཁོང་ཚོས་མཉམ་གཅིག་ཏུ་བརྐྱངས་ཕྱག་འཚལ་བའི་བརྗིད་ཉམས་ལྡན་པའི་རྣམ་པ་འདིར་རྒྱང་རིང་ནས་འདྲ་པར་བསྐྱོན་པ་ཡིན། པདྨ་འདབ་བརྒྱད་བཞད་འདྲའི་རི་ཚོགས་ཀྱི་དབུ་རྩེར་ཁ་སང་གི་ཁ་བའི་གཡོགས་ཤིང༌། དེའི་ཡང་སྟེང་ན་སྔོ་ཞིང་མཐིང་ལ་ཡིད་དབང་འཕྲོག་པའི་ཨ་སྔོན་དང་སྤྲིན་ཕུང་ཚོམ་བུར་བཀྲ འོན་ཏེ་པར་ཆས་ཤེལ་སྒོ་ཅུང་ཉེ་སར་བསྐོར་བ་ན་དེ་དག་ཅི་ཡིན་ནམ། ཕན་ཚུན་དྲ་བ་བཞིན་འཐེན་པའི་གློག་སྐུད་དང་མཐོ་དམའ་མི་མཉམ་པའི་ཁང་བརྩེགས། གཅིག་གྲལ་གཅིག་ཏུ་མཐུད་པའི་ཚོང་ཁང་དང་ཟ་ཁང༌། ཡར་འགྲོ་མར་འོངས་མཚམས་ཆད་མེད་པའི་རླངས་འཁོར་དང་མི་ཚོགས་ཀྱི་འཚང་ཀ་ཤིག་ཤིག ཁྲོམ་སྲང་གི་མི་ཚང་མས་ནང་ལོག་ན་དར་ཁྱབ་ཆེ་བའི་ལྭ་བ་བཟོ་དབྱིབས་གཅིག་པ་རྐྱང་རྐྱང་མནབས་འདུག ལྷ་སའི་ཕྱི་བསྐོར་གྱི་ལམ་ཁ་ཕྱེད་ཀ་ལས་མང་བ་གྲོང་ཁྱེར་གྱི་དཀྱིལ་ནས་བརྒལ་དགོས་ཀྱི་ཡོད་སྟབས། བརྐྱངས་ཕྱག་འཚལ་བའི་གྲྭ་བཙུན་ཉིས་བརྒྱ་དེ་དག་ནས་གྲོང་ཁྱེར་དཀྱིལ་བརྒྱུད་ནས་གོག་བགྲོད་བྱེད་དགོས་པ་དང༌། ལན་རེར་མི་ཚོགས་ཀྱི་འཚང་ཀ་ཤིག་ཤིག་གི་ཁྲོམ་སྲང་བཞི་མདོ་འཕྲེད་བརྒལ་གནང་དགོས་པས་ན། ཁོང་ཚོའི་ཁྲོད་དགུང་ལོ་ཆུང་ཤོས་དེ་ལོ་ན་བརྒྱད་དགུ་ཙམ་གྱི་གྲྭ་བཙུན༼བཙུན་མ་ཆུང་ཆུང་ཁ་ཤས་ཡོད་པ་ཧ་ཅང་སྙིང་རྗེ་བོ་འདུག༽ཡིན་ཞིང་ཅུང་ཙམ་འཚུབ་ཆ་ལངས་པའི་ཉམས་ཤིག་འདུག་ལ། ཡང་ཁ་ཤས་ནས་རྩེད་སྤྲོར་ཞེན་ནས་ཧེ་ཧེ་ཞེས་གད་མོ་དགོད་ཞོར་མགྱོགས་པོར་ཕར་བརྒལ་བྱེད་ཀྱིན་འདུག དགུང་ལོ་རྒན་པ་ཚོས་ཅི་ཡང་མི་སྙམ་པར་མིག་གཉིས་གཡོ་བ་མེད་པར་མདུན་ལ་རིག་པ་སྒྲིམ་ནས་གོ་རིམ་ཡོད་པའི་ངང་ལུས་ཚད་ཀྱི་མཚམས་ནས་གོམ་པ་གསུམ་རེ་མདུན་དུ་སྤོས་ཏེ་བརྐྱངས་ཕྱག་འཚལ་གྱིན་འདུག ལམ་ཁ་འགགས་པའི་རླངས་འཁོར་ཆུང་བ་དང་གླ་ལེན་རླངས་འཁོར། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་སོགས་མང་ཆེ་ཤས་ནས་བཟོད་སེམས་ཀྱིས་ངང་སྒུག་བྱེད་བཞིན་ཡོད་ལ། ཡང་ཁ་ཤས་ནས་ཧ་ཅང་སུན་སྣང་གིས་ཤུགས་ཀྱིས་རླངས་འཁོར་དུང་སྒྲ་སྒྲོག་བཞིན་འདུག གདོང་པ་ནག་པོའི་ཉེན་རྟོག་དམག་མིའང་ནམ་རྒྱུན་ལས་མང་དུ་ཕྱིན་ཡོད། རྐང་འཐེན་འཁོར་ལོ་གཏོང་མཁན་དང་ལྷམ་བཟོ་པ། ཅ་ལག་ཙག་ཙིག་བཙོང་མཁན་དང་ཁང་པར་ཚོན་རྩི་བྱུག་མཁན། ལཱིང་པན་བཙོང་མཁན༼ཁོ་ཚོ་མང་ཆེ་བ་རྒྱ་ཡུལ་ནས་ཡོང་པའི་ཞོར་ལས་འཚོལ་མཁན་ཡིན། རྩོམ་པ་པོའི་མཆན།༽ཚོ་སྔར་བཞིན་རང་རང་སོ་སོའི་ལྟོ་གོས་ཀྱི་ཆེད་དུ་བྲེལ་བཞིན་ཡོད། ལྷ་སའི་བགྲེས་པོ་ཚོས་སྔར་བཞིན་ཨབ་སོ་ཞེས་པའི་སྤུ་འཁྱིལ་བའི་ཁྱི་གུ་ཆུང་ཆུང་དང་ཡང་ན་གདོང་ལ་མཚལ་མདོག་དམར་པོ་བྱུགས་པའི་ཚེ་ཐར་ལ་བཏང་བའི་ལུག་རེ་ཁྲིད་ནས་སྤྲོ་བསང་གི་གོམ་པ་རྒྱག་བཞིན་ལྷོད་གཡེང་གིས་སྐོར་བར་ཕེབས་བཞིན་མཆིས། དེ་བཞིན་དུས་ཚིགས་འདིར་མང་པོ་མཐོང་རྒྱུ་མེད་པའི་ཡུལ་སྐོར་སྤྲོ་འཆམ་འགྲུལ་བའི་ཆ་ལུགས་འདྲ་བ་ཁ་ཤས་ནས་དགའ་མགུའི་འདྲ་པར་སྐྱོན་གྱིན་སྒྲོ་འདོགས་ཀྱིས་ཧང་སངས་པའི་རྣམ་འགྱུར་སྟོན་གྱིན་འདུག
ང་དང་ངའི་གྲོགས་མོ་ལཱེན་ཅི་སྟེ་ཁོ་མོ་ནི་སྐྱེས་པ་ནང་བཞིན་གྱི་སྐྲ་ཐུང་ཐུང་བཞག་ཡོད་ཅིང་ལོ་གསུམ་གྱི་སྔོན་ལ་ལྷ་སར་བསླེབས་ནས་འགྲོ་འདོད་མེད་པའི༼ལོས་ཡིན་རྗེས་སུ་ཁོ་མོ་ཕྱིར་ལོག་སོང་༽པེ་ཅིན་གྱི་བུད་མེད་ཅིག་ཡིན། ངེད་གཉིས་ཀྱིས་ལག་ཏུ་པར་ཆས་བཟུང་ནས་དུས་ཡུན་རིང་པོར་གྲྭ་བཙུན་རྣམས་ཀྱི་རྗེས་དེད་དེ་ཕྱིན་པ་དང་ཁོང་ཚོས་གནས་འདིར་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་འགྲུལ་བ་རེད་བསམ་འདུག ང་རང་རིམ་བཞིན་དོགས་མི་བདེ་བར་གྱུར་ཏེ་ལྐོག་ཏུ་བསམ་བློ་བཏང་པ་ཡིན། ང་རང་སུ་ཡིན་ནམ། ལྟད་མོ་ལྟ་མཁན་ཡིན་ནམ་ལྟ་ཞིབ་བྱེད་མཁན་ཡིན། ཡང་ན་འཚར་སྣང་ལ་དུང་པའི་པར་བ་ཞིག་ཡིན་ནམ། ཡང་ན༼ང་རང་དེ་འདྲ་བྱེད་འདོད་ཆེན་པོ་ཡོད་པས་ན༽བདེན་དཔང་བྱེད་མཁན་ཞིག་ཡིན་ནམ། ཡང་ན་རིགས་རྒྱུད་དེད་ན་ཁོང་ཚོ་དང་གདུང་རུས་གཅིག་པའི་བོད་མི་ཡིན་ནམ། ངས་ཅི་ཞིག་ཤེས་འདོད་དམ་ཅི་ཞིག་ཟིན་བྲིས་ལ་བཀོད་བསམ་མམ། དྲང་མོར་བཤད་ན་འཚར་སྣང་རྐྱང་རྐྱང་གིས་ཡིན་ནམ། ང་རང་ནས་གྲྭ་བཙུན་དེ་དག་ལ་ཨ་རག་གི་ཤེལ་དམ་ཆགས་གྲུམ་གྱིས་རྨ་ཁ་བཟོས་པའི་རྐང་རྗེས་དང་སྲ་མཁྲེགས་ཀྱི་ཨར་འདམ་ས་ངོས་ལས་དཔྲལ་བར་རྨ་ཁ་ཕོག་པ། དེ་བཞིན་དགུན་དུས་ལ་གདོང་ན་བཞུར་བའི་རྔུལ་ཆུ་ལས་ཅི་ཞིག་མཐོང་ངམ། ངས་ལན་རེར་ཁོང་ཚོར་སྐད་ཆ་ལབ་ནའང་ངས་ཁོང་ཚོའི་སེམས་ཀྱི་འཇིག་རྟེན་ཇི་ལྟར་རྟོགས་ནུས། ཁོང་ཚོ་མི་ཚོགས་ཀྱི་ཁྲོམ་གཞུང་ན་གོག་བགྲོད་བྱེད་ཀྱིན་མཆིས་ནའང་ཁོང་ཚོའི་རྣམ་འགྱུར་ཁྲོད་འགོག་ཐབས་དཀའ་བའི་བདེ་སྐྱིད་ཅིག་མཐོང་ཞིང༌། ཧ་ལམ་སྐབས་འདིར་ཁོང་ཚོ་ནི་ཆེས་བདེ་སྐྱིད་ཀྱི་དུས་ཤིག་ཏུ་འཚོ་བའི་ཚོར་སྣང་ཞིག་སྤྲད་སོང༌། དེ་བས་ཁོང་ཚོའི་གདོང་ན་ཡུན་རིང་འཛུམ་དམུལ་གྱིས་ཁེངས་ཡོད་ལ། འཛུམ་མདངས་དེ་ནི་འཇིག་རྟེན་གྱི་ཟང་ཟིང་དང་འབྲེལ་བ་མེད་པ་ཞིག་ཆགས་འདུག
ཁོང་ཚོས་འདི་ལྟར་ཉིན་ཤས་ལ་ཕྱག་འཚལ་སོང༌། དེང་ཐོག་མི་བཅུ་ཁ་ཞིག་ལས་མེད་པ་དང་དེ་ནས་ཇེ་མང་ཇེ་མང་ཡིན་ཞིང༌། རྒྱང་རིང་ནས་བརྐྱངས་ཕྱག་འཚལ་ཏེ་ཐོན་མ་ཐག་པ་དེ་དག་དང་ཡང་ན་ལྷ་སའི་ནང་ངེས་མེད་འགྲིམས་ནས་ཡོད་པའི་གྲྭ་བཙུན་རྣམས་ཀྱང་བསྟུད་མ་བསྟུད་ཐོག་གིས་གྲལ་ནང་དུ་ཞ྄ུགས་ཏེ། ལོ་དེའི་དགུན་ཁའི་ལྷ་ས་གྲོང་ཁྱེར་ཉིན་ཧྲིལ་པོར་དམར་སྨིག་གི་ཆུ་བོའི་རབ་ཁ་ལྟ་བུས་བསྐོར་ཡོད་ལ། ཡིན་ནའང༌། གོ་ཐོས་ལ་དུས་སུ་བཀག་སྡོམ་བྱས་པའི་ཉིན་མཐའ་མ་དེ་ཡིན་ཞིང༌། སྲིད་གཞུང་ནས་འདི་ལྟ་བུའི་མངོན་གསལ་གྱི་ཕྱག་འཚལ་རུ་ཁག་ལ་དགའ་མོས་བྱེད་ཀྱི་མེད་པ་རེད། ངས་ཁ་སང་ད་གཟོད་དེ་དག་མཐོང་པ་ཡིན། ཁ་སང་ཞོགས་པར་ཉང་བྲན་ལམ་ཁར་གསེར་མདོག་ལྡན་པ་དང་སྤུས་ཀ་ཞན་པའི་ཟངས་ལས་བཟོས་པའི་མདའ་གཞུ་འགུག་པའི་རྟ་བའི་འབག་འདྲའི་ཟུར་དུ། ལྷ་སའི་ནང་ཡོད་པའི་གྲངས་ཀ་བྲལ་བའི་རྒྱ་ཁོག་ཟ་ཁང་གྲས་ཀྱི་གཅིག་སྟེ༼ཅིན་ཨར་ཅིན༽ཟ་ཁང་གི་ཚོན་མདོག་སྔོན་མོའི་ཤེལ་སྒོའི་མདུན་གྱི་རླངས་འཁོར་འདུག་སར་གློ་བུར་དུ་ཚོས་མདོག་དམར་སྨིག་གིས་ཁེངས། དེ་ནི་ཏག་ཏག་ཁོང་ཚོས་ཕྱག་འཚལ་ནས་མཚམས་དེར་ཐོན་རྗེས་ཅུང་ཙམ་ངལ་གསོའི་སྐབས་སུ་དགོན་པའི་འགྲོ་ལུགས་ལྟར་མཉམ་དུ་ཁ་འདོན་སྐྱོར་ཞོར་དྲོས་ཇ་འཐུང་རྩིས་ཡིན་འདུག གནས་སྟངས་འདིས་ལྟད་མོ་ལྟ་མཁན་མང་པོ་བསུས་བྱུང༌། མི་རིགས་ཐ་དད་པ་མང་པོས་རྣམ་འགྱུར་ལས་ཡ་མཚར་དང་ཤེས་རྟོགས་བྱེད་དཀའ་བ་མངོན་པར་མཚོན་ནའང༌། ཁོང་ཚོར་འཛེམ་དོགས་ཅི་ཡང་མེད་པར་ལོ་ན་རྒན་པའི་དབུ་མཛོད་ཀྱིས་སྣེ་ཁྲིད་དེ་ཁ་བཏོན་སྐྱོར་ཞིང༌། མཚན་ལ་བཞག་པའི་ཚ་སྐྱུར་མངར་ཁའི་རྒྱ་ཁོག་གི་དྲི་མ་མཆེད་པའི་ཁྲོད་གཟབ་ནན་གྱིས་ཆོས་ཀྱི་ཆོ་ག་སྤེལ་བ་རེད། འདིར་གླེང་འོས་པ་ཞིག་ནི་ཁོང་ཚོས་ཕྱག་འཚལ་ཏེ་ཕོ་བྲང་པོ་ཏཱ་ལའི་ཞོལ་གྱི་སྔོ་ཚལ་བཙོང་སར་བསླེབས་མཚམསདེ་ནི་ལྷ་ས་གྲོང་ཁྱེར་གྱི་སྔོ་ཚལ་བཙོང་ས་ཆེ་ཤས་དེ་རེད། རྩོམ་པོ་པོའི་མཆན།དམར་གསོད་བྱས་མ་ཐག་པའི་སེམས་ཅན་གྱི་ཤ་རིགས་དང་ཤ་གཏུབ་ལྷག་རོ་ག་ས་གར་འཕངས་པ་དང༌། ལྷ་སའི་ཆུ་བོའི་ནང་གི་ཉ་དང་ནང་ལོག་ནས་དབོར་འདྲེན་བྱས་པའི་ཉ་རིགས་ཟོ་བ་ཆེ་ཆུང་བྱས་ཏེ་བཞག་པ་མཐོང་དུས་དེང་ཐོག་འགྲོ་མཚམས་བཞག་ནས་མགོ་གཡུག་ཞོར་སྐད་ཅོར་བརྒྱབས་ཏེ་གཅིག་གིས་གཅིག་ལ་ཅེར་ནས་འུ་ཐུག་གི་རྣམ་པས་རེ་ཞིག་ཧོན་ཐོར་ཏེ་བསྡད་པ་དང༌། གློ་བུར་དུ་ཁོང་ཚོས་མགྲིན་པ་ལྷོད་ནས་གདུང་འབོད་ཇི་བཞིན་ཁ་བཏོན་མཉམ་དུ་སྐྱོར་ཞོར་གོམ་པ་ཆེན་པོས་མདུན་དུ་བསྐྱོད༼སྔོ་ཚལ་བཙོང་ས་རྫོབ་པོ་དང་གུ་དོག་དྲགས་པས་བརྐྱངས་ཕྱག་འཚལ་ཐུབ་མེད་པ་རེད།༽ཁོང་ཚོའི་སྐད་གདངས་དང་འགུལ་སྐྱོད་ཁྲོད་བརྩེ་སེམས་དྲག་པོས་བརྟས་ཡོང་དུས་སྔོ་ཚལ་བཙོང་སའི་མི་ཚང་མ་ཁ་གདངས་མིག་གཅེར་ནས་བསྡད་འདུག ངས་དེའི་ཁྲོད་ཀྱི་བླ་མ་ཞིག་ལ་སྐད་ཆ་འདྲི་དུས་ཁོང་ནས་ས་འདིར་སྡིག་སྒྲིབ་ཀྱི་དྲི་མས་ཁེབས་ཡོད་པས་སྡིག་གཅོད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསོལ་བ་འདེབས་ཀྱིན་ཡོད་ཅེས་བརྗོད་བྱུང༌།
དེའི་རྗེས་ངས་ནང་ལོག་གི་གྲོགས་པོ་ཞིག་ལ་ཁ་པར་གཏོང་སྐབས་གློ་བུར་དུ་མགྲིན་པ་འགག་སོང༌། ཡིན་ནའང་ངས་ཨུ་ཚུགས་ཀྱིས་ལྷ་སའི་འོད་ལམ་ལམ་གྱི་ཉི་འོད་དང་གཙུག་ལག་ཁང་གི་ཐང་ཆེན་གྱི་མགོ་ཡོམ་འཁོར་བའི་འོད་ཟེར། བར་བསྐོར་ལམ་གྱི་མཐུ་ནུས། མངར་ཇ་འཐུང་སའི་རྣོ་ཁབ་ལེན་ལྟ་བུའི་འདྲེན་ཤུགས། ད་དུང་སྙིང་ཉེ་བའི་དགོན་པ་དེ་དག་གླེང་བ་ཡིན་ལ་དགོན་པ་དེ་དག་གི་ཡིད་སེམས་འགུག་པའི་སྐུ་འདྲ་དང་བློ་ཡིད་འདྲེན་པའི་བླ་མ་དང་དགེ་འདུན་པ་ཚོ་གླེང་བ་ཡིན། ད་དུང་ང་རང་འདྲ་བའི་ཁྲག་རྒྱུད་དང་རུས་གསེང་ན་རྒྱ་མིན་བོད་མིན་གྱི་མི་ཚོའང་གླེང་བ་ཡིན། བོད་ཡུལ་དང་རྒྱ་ཡུལ་ན་ཁམས་པའི་ཡུལ་སྐད་འདྲེས་པའི་དབུས་སྐད་དང་སུ་ཁྲོན་ཡུལ་སྐད་འདྲེས་པའི་རྒྱ་མིའི་སྤྱི་སྐད་བརྗོད་ཀྱིན་པ་ལྟ་བུའང་གླེང་བ་ཡིན། ངས་མཐར་ཐུག་ཁྲག་གིས་བརྫིས་པའི་སྔོ་ཚལ་ཚོང་ར་གསོལ་འདེབས་ཁྲོད་བརྒལ་པའི་ཁོང་ཚོ་གླེང་ཐུབ་མ་སོང༌། བརྐྱངས་ཕྱག་འཚལ་བའི་གྲྭ་བཙུན་ཉིས་བརྒྱ་ཡ། ངས་ཇི་ལྟར་བྱས་ན་ད་གཟོད་ཁྱེད་ཚོ་རྟོགས་ཐུབ་བམ། ཁ་པར་གྱི་ཕ་རོལ་ནས་མི་ཞིག་གི་སྐད་གདངས་ལྷོ་ཕྱོགས་ཀྱི་གློག་རྒྱུན་ཧྲག་ཧྲག་གི་སྒྲ་དང་འགྲོགས་ནས་བཞུར་ཡོང༌། ཧ་ལམ་དེ་ནི་ཁྱོད་ཀྱི་ཁ་ཕྱོགས་ཡིན་སྲིད་ཁྱོད་ཀྱི་འདི་ལྟ་བུའི་སྣང་བ་བན་བུན་དང་འདི་འདྲའི་རང་ཉིད་ཀྱི་གནས་ཐིག་གཏན་འཁེལ་མེད་པ་ཏག་ཏག་ཁྱོད་ཀྱི་ཡིན་པ་ལས་གཞན་གྱི་ཡིན་མི་སྲིད།
འོན་ཀྱང༌། ངས་བརྗོད་འདོད་པ་དེ་རང་ཉིད་མ་ཡིན་པར་ངས་ལྷ་ས་ཁོ་ན་གླེང་འདོད་བྱུང༌། ཀྱག་ཀྱོག་གི་གོ་སྐབས་མང་པོ་བརྒྱུད་པའི་གནའ་བོའི་གྲོང་ཁྱེར་ལྷ་ས་འདི་ཉིད་གླེང་འདོད་བྱུང༌། དུས་དེར་གནས་འདིར་འོད་ཀྱི་སྐུད་པའི་བསྣོལ་མཚམས་ཁྲོད་མཛེས་རིས་འདྲ་མིན་ཤར་བ་རེད། ཡིན་ཡང་འདི་ནི་ཇི་འདྲའི་འགྲེལ་བརྗོད་དཀའ་བ་ཞིག་རེད།
ཐེངས་ཤིག་ང་རང་དང་གསར་དུ་ནང་ལོགས་ནས་བསླེབས་མ་ཐག་པའི་རི་འཛེགས་གནང་མཁན་གྱི་གྱོན་ཆས་ལྟ་བུ་སྤྲས་པའི་གྲོགས་པོ་ཞིག་དང་དཔུང་བ་མཉམ་གཤིབས་ཀྱིས་ལྕགས་རྟ་ཞོན་ཏེ་དགུན་སྟོད་ཀྱི་ལྷ་སའི་པེ་ཅིན་སྲང་ལམ་བརྒྱུད་ནས་འགྲོ་སྐབས། བལྟས་པ་ཙམ་གྱིས་གདོང་མདོག་སེར་པོར་གྱུར་དྲགས་པའི་ཁོང་ནས་མགོ་བོ་ཡར་དགྱེས་ཏེ་ཁོ་ཁུ་ཁོ་ལཱའིCoca-Cola)མངར་ཆུ་ཞིག་འཐུང་ཞོར་གློ་བུར་དུ་ཚོར་སྣང་ཟབ་མོས་བརྗོད་དོན༼ཁུ་ལཱ་འདིས་བྲོ་བ་པེ་ཅིན་དང་འདྲ་བོ་མི་འདུག༽ཟེར། སྐབས་དེར་ངས་བྲེལ་འཚུབ་ཀྱིས་ང་ཚོའི་སྔོན་ན་རྒྱུ་བའི་རླངས་འཁོར་ལ་བལྟས་ནས་ཁོང་གི་སྐད་ཆར་དོ་སྣང་མ་བྱས། ༼ཁྱོད་ཀྱིས་ཇི་ལྟར་མི་འདྲ་བ་ཤེས་སམ། རེད་ཡ། ཁོ་ལཱ་ནི་གཅིག་པ་རེད་མི་འདྲ་ས་ནི་ཁཽར་ཡུག་གི་རྐྱེན་རེད༽ཅེས་ཁོང་གི་སྐད་ཆའི་ནང་མི་འདྲ་བ་གང་ཞིག་མཚོན་དོན༼དཔེར་ན་རྒྱ་ཁོག་ཟ་ན་ཁྲོམ་འདུསརྒྱས་ཁྲིན་ཏུའུ་འབོད། སྒྱུར་མཁན།ཡག་པོ་ཡོད་རེད། བརླན་བཤེར་གྱི་ཁོར་ཡུག་དེ་འདྲ་ཞིག་ཏུ་ཐ་ན་དེར་བརྗོད་པའི་སྐད་ཆའི་གདངས་དེའང་རྒྱ་ཁོག་དང་འཕྲོད་པོ་ཡོད་པ་རེད། ས་ཆ་གཞན་ཞིག་ལ་བརྗེ་བོ་བརྒྱབ་པ་ཡིན་ན་བྲོ་བ་དེ་འདྲ་ཡོང་གི་མ་རེད༽ཟེར། ང་རང་ལ་ལམ་སེང་བློ་སྒོ་ཕྱེས་ནས་དེ་ལྟར་བརྗོད་ན་ས་ཁོངས་ལའང་མངོན་གསལ་ཡ་མཚར་གྱི་སྟོབས་ཤུགས་དང་གསང་བ་ལྐོག་གྱུར་འདུག་ཅིང༌། མི་རྣམས་ལ་ཚོར་སྣང་དང་དྲི་རོ་རེག་བྱའི་ཚོར་བ་འདྲ་མིན་གནས་འདིར་སྟེར་ཐུབ་ནའང་ས་ཆ་བརྗེ་བོ་བརྒྱབས་རྗེས་དེ་ལྟར་མ་ཡིན། འདི་ནི་ཕལ་ཆེར་མཁའ་དབུགས་དང་ས་གཤིས་སོགས་ཀྱི་གྲུབ་ཆས་ཐག་གཅོད་བྱེད་དགོས་པས། གཞན་ཅི་ཞིག་ཡོད་དམ། ཁོ་ལཱ་མངར་ཆུ་ལྕགས་བྲིན་གང་ཡང་འདི་ལྟར་ཡིན་ན་གཞན་པ་སྨོས་ཅི་དགོས།
ད་དུང་ང་རང་གི་གྲོགས་མོ་གཞན་ཞིག་སྟེ་སྤུན་མཆེད་ལྟ་བུའི་གྲོགས་མོ་མཱ་རོང་དེ་སྔོན་ལྷ་སར་ལོ་ཁ་ཤས་ལ་བསྡད་མྱོང་ཡོད་ལ་མི་གཞན་ལ་རི་མོ་འབྲི་ཞོར་དང་ཕྱོགས་བཞི་མཚམས་བརྒྱད་འགྲིམས་ནས་བསྡད་མྱོང་ཡོད་པ་རེད། རྗེས་སུ་ཁོ་མོ་གནམ་གཤིས་ཀྱི་དྲོད་གྲངས་སྙོམ་པའི་རང་གི་ཕ་ཡུལ་སུའུ་ཀྲིག་ཏུ་ཕྱིར་ལོག་རྗེས་ཟིན་ཐོའི་ནང་འདི་ལྟར་བྲིས་འདུག ང་རང་ཐོག་མར་འགྲོ་ས་དེ་ལྷ་ས་དང་གནས་མཆོག་དེའི་དཀྱིལ་དབུས་ཡིན། མི་དེ་འདྲའི་མང་པོ་ཞིག་གི་མི་ཚེ་གང་པོའི་རེ་སྨོན་ནི་ལྷ་སར་སོང་ནས་སྟོན་པར་ཐོད་པ་གཏུགས་རྒྱུ་དེ་ཁོ་ན་རེད། དེ་བས་ངས་བསམ་པར་མངོན་སུམ་ཁྲོད་དངོས་གནས་འདི་འདྲའི་གྲོང་ཁྱེར་ཞིག་ནས་འདི་འདྲའི་དྭངས་གཙང་མཆོག་གྱུར་གྱི་རེ་སྨོན་དང་ཆ་མཚུངས་ཆགས་ཐུབ་བམ་སྙམ། མི་རྣམས་ཀྱིས་ནུས་ཤུགས་ཡོད་རྒུ་དང་དཀའ་སྡུག་གྲངས་མེད་མྱངས་ཏེ་ལྷ་སར་བསླེབས་དུས་དོན་དུ་ཟོལ་མེད་ཀྱི་ཡིད་ཕམ་དང་བོར་བརླག་གི་སྣང་བ་ཞིག་མི་སྟེར་རམ། ཡང་ན་ཁོང་ཚོ་ལྷ་སར་བསླེབས་དུས་མཐོང་རིག་དང་བསམ་པ་ནི་སྔར་བཞིན་ཁོང་ཚོའི་སེམས་ནང་གི་ལྷ་ས་ཡིན་ནམ། འོན་ཀྱང་མངོན་སུམ་གྱི་ལྷ་ས་ནི་བར་སྐབས་ཀྱི་གནས་ཡོད་འབའ་ཞིག ང་ཚོའི་ཤོག་བུའི་ཐོག་བཀོད་པའི་ཡི་གེ་ནང་བཞིན་ཡིན་ནམ། ཡང་ཅིག་བཤད་ན་ངའི་སེམས་ནང་གི་གསང་བའི་རེ་བ་དེ་བཞིན་ལྷ་ས་མཐོན་པོའི་ཡང་སྟེང་ན་ལྷད་མེད་དྭངས་གཙང་གི་དག་པའི་ཞིང་ཁམས་ཇི་བཞིན།
ང་རང་ནས་ལྷ་ས་རུ་འཚོ་བ་རོལ་བ་དང་ལས་ཀ་བསྒྲུབས་རྗེས་སམ། ནམ་ཞིག་མངོན་སུམ་འཚོ་བའི་ནང་ལྷུང་ཡོང་དུས་ཡོད་ཚད་འཇིག་རྟེན་གྱི་གོམས་སྲོལ་བསྐྱར་ཟློས་རང་རེད། ཟང་ཟིང་ངང་འཚོ་བ་དང་ལྷ་སའི་ཉི་འོད་དྲག་པོའི་བཀྲག་མདངས་གཅིག་མཚུངས་དང༌། གཅིག་མཚུངས་དམིགས་མེད་ཀྱི་འཇིག་རྟེན་གྱི་དགའ་སྐྱོ་སྐྲུན་བཞིན་འདུག ངས་ཡེ་ནས་ང་རང་གིས་རྟོག་བཟོ་བྱས་པའི་ལྷ་ས་དེ་མཐོང་མི་ཐུབ་ལ། ངས་བློ་བཟོ་བྱས་པའི་བོད་དེའང་མཐོང་མི་ཐུབ།
ང་རང་ནམ་རྒྱུན་ས་སྲོད་ཀྱི་དུས་སུ་གནས་མཇལ་བ་རྣམས་དང་མཉམ་དུ་བསྐོར་བར་ཕྱིན་པ་ཡིན། གཙུག་ལག་ཁང་གི་མཐའ་བསྐོར་དུ་ཐེངས་མ་རེ་རེར་ཡང་ཡང་བསྐོར་བར་འགྲོ་བཞིན་འགྲོ་བཞིན། མཐའ་འཁོར་དུ་ལག་ཏུ་མ་ཎི་འཁོར་ལོ་བཟུང་པའི་དད་ལྡན་པའི་ཁེངས་ནའང༌། རིགས་རྒྱུད་མི་གཅིག་པའི་མི་ཚོགས་ཁྲོད་ཀྱི་ང་རང་སྔོན་ཆད་ནང་བཞིན་ཡང་བསྐྱར་རྒྱུས་ཡོད་ཀྱི་ཁེར་རྐྱང་གི་ཚོར་བས་གཙེས་ཡོང༌། ལག་ན་ཁབ་སྐུད་ཙམ་ཡང་མེད་པས་དམིགས་བསལ་གོ་དོན་ཟབ་མོ་མེད་པས་ཡིན་ནམ། སྙིང་རྗེ་བའི་སེམས་བཟང་ཚོ། སེམས་ན་དད་པ་མེད་ན་ཁ་ནས་མ་ཎི་ཡིག་དྲུག་བཟློ་ཡང་འབྲས་མེད་སྟོང་པ་རེད།
གོང་བརྗོད་ཡིག་འབྲུ་དེ་དག་འབྲི་དུས༼བྲོས་བྱོལ་དུ་ཕྱིན་པའི་བྱིས་པ་ལྷ་སར་འགྲོ་བ༽ཞེས་རང་ཉིད་ཀྱིས་རང་ལ་བཏགས་པའི་མཱ་རོང་ནས་ལོ་གསུམ་གྱི་རྗེས་སུ་ཁོ་མོ་ཡང་བསྐྱར་ལྷ་སར་ཕེབས་དུས། རང་ཉིད་ནང་པ་སངས་རྒྱས་པར་སྐྱབས་བཅོལ་མཁན་གྱི་གནས་མཇལ་བ་ཞིག་ཏུ་གྱུར་ཟིན་པ་སུ་ཞིག་གི་ཡིད་ལའང་ཤར་མྱོང་ཡོད་མི་སྲིད།
ངས་ནམ་རྒྱུན་ཧ་ཅང་མངོན་སུམ་དང་ཐད་ཀར་གྱིས་ངའི་སེམས་སུ་འཕོས་པའི་བྱ་དངོས་ཞིབ་འབྲི་བྱེད་ཀྱིན་ཡོད་ལ། ང་རང་ནས་ནམ་རྒྱུན་ཕྱོགས་གཅིག་གཙིགས་འཛིན་དང་ཕྱོགས་ལྷུང་གི་ཚོར་ཤེས་ཡོད་སྲིད་པས་དེ་དག་ཆད་ལྷག་མི་ཡོང་ཆེད། འདི་ནས་ངས་དེ་སྔོན་བོད་ཀྱི་ས་ཁུལ་ཡོངས་ལ་ཕེབས་མྱོང་ཡོད་པ་དང་ལྷག་པར་དུ་ལྷ་སར་ཐེངས་མང་རིང་ཕེབས་མྱོང་མཁན་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞུང་གིས་མངོན་སུམ་རིང་ལུགས་ཀྱི་སྨྱུག་རྩེ་ནས་ཇི་མ་ཇི་བཞིན་དང་དངོས་ཡོད་ལམ་ནས་ད་ལྟའི་ལྷ་སའི་རྣམ་པར་དཔྱད་གཏམ་སྤེལ་བ་ལུང་འདྲེན་བྱས་པ་ཡིན་ན། ༼ལྷ་ས་ནི་བོད་མི་ཚོའི་སེམས་ནང་གི་གནས་མཆོག་ཡིན་པས༌། མི་རབས་ནས་མི་རབས་དུ་བོད་མི་གྲངས་ལས་འདས་པའི་རེ་སྨོན་ཆེ་ཤོས་ནི་མི་ཚེའི་ནང་ལྷ་སར་གནས་མཇལ་དུ་ཐེངས་ཤིག་འགྲོ་རྒྱུ་དེ་ཡིན་ལ། དམིགས་འདུན་དེའི་ཆེད་དུ་ཁོང་ཚོའི་ཐ་ན་ཁྱིམ་གཞིའང་རྦད་དེ་མེད་བརླག་དུ་ཕྱིན་ཡོད་པ་རེད། ལྷ་ས་ན་སྤྲང་པོ་དེ་འདྲ་མང་བ་ལ། དོན་གངོས་ཐོག་སྤྲང་པོ་དེ་དག་ཁྲོད་ཀྱི་གང་ལ་གང་འཚམས་ཤིག་ལྷ་སར་གནས་མཇལ་དུ་ཕེབས་མཁན་ཡིན་འདུག རྒྱུ་མཚན་ནི་ལམ་གྲོན་ཚར་བའང་རྒྱུ་ནོར་ཐམས་ཅད་མཆོད་པར་ཕུལ་ནས་ཕྱིར་ཡུལ་དུ་ལོག་ཐབས་བྲལ་ཏེ་ད་གཟོད་སྤྲང་པོར་ཆགས་པ་རེད༌། ཡིན་ཡང་ཁོང་ཚོ་དེའི་ཐད་བློ་མོས་ཡིད་སྤྲོ་གནང་བཞིན་འདུག༽
སྔོན་མར་ནུབ་ཕྱོགས་པའི་སེམས་ནང་དུ་ལྷ་ས་ནི་བོད་ཀྱི་སྤྲུལ་བ་ཡིན་ཞིང་དུས་རབས་ཁ་ཤས་ནས་བཟུང་ནུབ་ཕྱོགས་ཀྱི་མྱུལ་དཔྱད་མི་སྣ་ཚོས་དཀའ་སྤྱད་ཚད་མེད་ཀྱིས་འགྲུལ་བཞུད་ལམ་གྱི་ཁ་ཕྱོགས་ཚང་མ་ལྷ་སར་གཏད་ཡོད་ལ། ལྷ་སར་འགྲོ་མ་མྱོང་པ་ཡིན་ན་ཁོང་ཚོའི་གྲུབ་འབྲས་ཉམས་ཤོར་མདོག་མེད་དུ་གྱུར་ཏེ་བོད་ནང་ཕེབས་མྱོང་མེད་པ་ལྟ་བུར་ཆགས་འདུག
དེང་སང་གི་གནས་སྟངས་རྦད་དེ་ཁ་ཁ་ཡིན་ལ་ལྷ་ས་ནི་བོད་ནང་རོལ་དུ་ཆེས་ལས་སླ་བོར་བསླེབ་ཐུབ་པའི་ས་ཁུལ་ཞིག་ཏུ་གྱུར་ཡོད་པ་དང༌། ཁྲོམ་འདུས༼ཁྲིན་ཏུའུ༽དང་པེ་ཅིན། ཞི་ཨན༼ཁྲང་ཨན།༽བཅས་ནས་ཐད་ཀར་ལྷ་སར་འཕུར་བསྐྱོད་ཀྱི་གནམ་གྲུར་བསྡད་ནས་ཆུ་ཚོད་ཁ་ཤས་མ་གཏོགས་འགྲོ་དགོས་ཀྱི་མེད་ལ། ལྷ་སའི་ཁྲོམ་སྲང་ནས་འགྲོ་དུས་རྒྱ་ནག་ནང་ལོག་གི་གྲོང་ཁྱེར་ཞིག་ཏུ་བསླེབས་པ་ལྟ་བུའི་ཚོར་བ་སྟེར་གྱིན་འདུག ལྷ་ས་གྲོང་ཁྱེར་ཧྲིལ་བོར་ལྷོ་ནས་བྱང་བར་ཕྱི་ལོགས་ནས་ཡོང་པའི་མིས་ཁེངས་ཤིང༌། གནས་མཇལ་དུ་ཕེབས་པའི་བོད་མི་ཚོས་དེའི་ཁྲོད་བསྡུར་ཚད་ཉུང་ཉུང་ཞིག་མ་གཏོགས་ཟིན་གྱི་མེད་པ་རེད། མང་ཆེ་བ་ཚོང་རྒྱག་མཁན་དང་ཞོར་ལས་བཙལ་མཁན་གྱི་རྒྱ་མི་དང་ཁ་ཆེ་བ་ཡིན་པ་རེད། ད་དུང་ཤ་མདངས་སྣ་མ་སྣ་ཚོགས་གྱི་ཡུལ་བསྐོར་སྤྲོ་འཆམ་པ་དང༌། དེ་བཞིན་གཞུང་དོན་ཕྱོགས་བསྐྱོད་ལ་ཕེབས་པའི་རྒྱ་ནག་གི་གཞུང་ཞབས་མི་སྣ་སོགས་ཡོད་པ་རེད། གལ་སྲིད་ལྷ་ས་གཅིག་པོར་མ་གཏོགས་མ་བསླེབས་པ་ཡིན་ན་དེ་རིང་གི་དུས་དེ་ལས་ལྡོག་སྟེ་བོད་དུ་བསླེབས་མེད་པར་བསམ་གྱིན་འདུག ལྷ་སའི་ནང་ཡུན་ནས་ཡུན་དུ་གནས་མཆོག་གི་འཕགས་པའི་འོད་མདངས་ཤོར་བཞིན་པ་མ་ཟད། ཚད་ངེས་ཅན་གྱི་ཐོག་ནས་བོད་ཀྱི་ཁྱད་ཆོས་ཀྱང་ཉམས་བཞིན་ཡོད་པ་རེད།
ཕྱི་ལོ ༡༩༥༠ལོའི་སྔོནལྷ་སའི་གྲོང་ཁྱེར་གྱི་གཞི་རྒྱ་ཡོངས་ལ་སྤྱི་ལེ་གྲུ་བཞི་མ་གསུམ་ལས་མེད་པ་དང་ད་ལྟ་སྤྱི་ལེ་གྲུ་བཞི་མ་ལྔ་བཅུ་ང་གཅིག་ཏུ་རྒྱ་བསྐྱེད་བྱས་ཡོད་ལ། དེ་སྔོན་ཆར་བ་འབབ་དུས་འདམ་གྱིས་ཁེངས་པའི་ས་རྡོའི་སྲང་ལམ་ཁ་ཤས་ཡོད་པ་དེང་སྐབས་རིང་ཚད་ལ་སྤྱི་ལེ་ཆིག་བརྒྱ་ལྔ་བཅུ་ལྷག་ཡོད་པའི་ཨར་འདམ་གྱི་གཞུང་ལམ་དུ་བཟོ་བསྐྲུན་བྱས་ཡོད་པ་དང༌། སྔོན་མའི་གད་སྙིགས་ག་ས་གར་ཁྱབ་ཅིང་ཁྱི་སྡོམ་དང་སྤྲང་པོ་གང་སར་འཁྱམས་པའི་ལྷ་སར་ཨར་ལས་འཛུགས་སྐྲུན་ཉིན་རེ་དང་ཟླ་རེ་བཞིན་འཕགས་ནས་གནའ་བོའི་བོད་དབྱིབས་ཅན་གྱི་ཁང་རྙིང་བསྒྲིབས། བརྗིད་ཆགས་ཕོ་བྲང་པོ་ཏཱ་ལ་མ་གཏོགས་དེ་རིང་གི་ལྷ་སར་འདས་པའི་རྣམ་པ་ཅི་ཡང་མཐོང་རྒྱུ་མི་འདུག
གྲོང་ཁྱེར་ཕྱི་ངོས་ཀྱི་རྣམ་པའི་འགྱུར་བ་ལས་གཞན་ལྷ་སར་འགྱུར་བ་ཆེ་ཤས་ནི་ཁྲོམ་སྲང་འགྲམ་གཉིས་སུ་ཟ་ཁང་དང་ཆང་ཁང༌། ཚོང་ཁང༌། གླུ་གཞས་ཁང༌། མཚན་མོའི་སྤྲོ་སྐྱིད་ཁང་སོགས་ཀྱིས་ཁེངས་འདུག ལྷ་ས་གྲོང་ཁྱེར་ཡོངས་ལ་སྡོད་འབངས་མི་གྲངས་ཆིག་འབུམ་ཉིས་ཁྲི༼ཕྱི་ལོ༡༩༩༤ལོར་ཆིག་འབུམ་ཆིག་ཁྲི་བདུན་སྟོང་བདུན་བརྒྱ་ལྔ་བཅུ་ང་གསུམ་ཡོད༽ལས་མེད་ནའང༌། སྒེར་གྱི་ཚོང་ལས་གཉེར་མཁན་ཆིག་ཁྲི་སུམ་སྟོང་ལྷག་ཡོད་པས། གཉེར་སྐྱོང་དར་སྲོལ་ལམ་འགྲོ་རྒྱུག་པ་སྨོས་མེད་རེད། འདས་པའི་ལྷ་ས་གནས་མཆོག་ཏུ་འབོད་དོན་ནི་ཆོས་ཀྱི་ཞིང་ཁམས་ཡིན་པའི་ཆ་ནས་གནས་མཆོག་དང་བོད་ཀྱི་ནང་པ་སངས་རྒྱས་པའི་བསྟི་གནས་ཡིན་པ་རེད། དུས་དེར་འཇིག་རྟེན་གྱི་དགའ་སྟོན་ལ་རོལ་ནའང༌། ཚང་མ་ཆོས་ལུགས་དབུ་གཙིགས་སུ་བཅིངས་པའི་བླ་ན་མེད་པས་བསྒྲིབས་ཡོད། དེ་རིང་གི་ལྷ་ས་ནི་རྦད་དེ་ཐ་དད་རེད་དགོན་པ་རྣམས་བསྐྱར་གསོ་བྱས་པ་དང་དགེ་འདུན་པ་མང་པོ་ཡོད་ལ། ས་ཁུལ་སོ་སོ་ནས་བོད་མི་ཚོ་གནས་མཇལ་ལ་ཕེབས་ཀྱིན་ཡོད་ནའང༌། སྤྱིར་བཏང་གི་འཚོ་བས་ལྷ་སའི་གཙོ་ཁྲིད་གོ་གནས་ལ་བལྟོས་མེད་ཧམ་བཟུང་བྱས་འདུག ལྷ་སའི་ཁྲོམ་དུ་རྣམ་པ་སྣ་ཚོགས་ཀྱི་སྒོ་བྱང་དང་རྒྱུ་རྫས་བཙོང་མཁན་དང་འགྲུལ་བ་འགུག་པའི་སྐད་ཅོར་མཚམས་ཆད་རྒྱུ་མེད་ལ། སྨད་འཚོང་མས་འཆལ་ཉམས་སྟོན་པ་དང༌། ཟ་ཁང་གི་གཡོས་བསྐོལ་དྲི་མ་ཕྱོགས་བཞིར་ཁྱབ་ཡོད་པས། ལྷ་ས་འདས་པའི་གནས་མཆོག་ནས་རྒྱུ་དངོས་པོ་ཕུན་སུམ་ཚོགས་པ་དང༌། འཚོ་བ་སྐྱིད་པོ་རོལ་སའི་སྤྱིར་བཏང་གི་གྲོང་ཁྱེར་ཞིག་ཏུ་གྱུར་ཏེ་འདོད་ཞེན་ལང་ལོང་འཕྱོ་ཞིང་ཕྱོགས་བཞིར་ལྡིང༌། ནང་ཆོས་ཀྱི་ལྟ་བ་ལྟར་ན་གོམས་སྲོལ་ཉིན་བཞིན་ཉམས་ནས་མི་སེམས་སྡུག་ཏུ་ཕྱིན་པའི་དུས་སུ་འཁེལ་ཡོད་ངེས།
གོང་བརྗོད་དཔྱད་པ་འདིར་ལྷ་སའི་ནང་འཚོ་བ་རོལ་བཞིན་པ་དང་རོལ་མྱོང་མཁན་ཚོར་ཐུན་མོང་གི་ཚོར་ཤེས་བསྐྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ལ་ང་རང་ཉིད་ལའང་དེ་འདྲའི་ཚོར་བ་དྲག་པོ་སྟེར་གྱིན་འདུག གང་ལྟར་ཀྱང་མ་མཐར་དེ་རིང་ང་ཚོས་ད་དུང་མི་གྲངས་ཉིས་བརྒྱ་ལྷག་གིས་ལྷ་སའི་གྲོང་ཁྱེར་ཡོངས་ཀྱི་མཐའ་བསྐོར་ནས་བརྐྱངས་ཕྱག་འཚལ་བའི་གནས་མཇལ་བའི་རུ་དཔུང་དེ་མཐོང་ཐུབ་ཀྱི་ཡོད་ལ། དེ་ནི་ཧ་ཅང་གལ་ཆེན་པོ་དང་གུན་གསབ་ཆེས་དཀོནཔོ་ཞིག་རེད། ད་ལྟ་མཐོང་དཀོན་པོར་གྱུར་བ་ཡིན་ནའང༌། ངས་བསམ་ན་ཁོང་ཚོ་ནི་ལྷ་ས་གྲོང་ཁྱེར་གྱི་འཇའ་ཚོན་ཞིག་ཡིན་ལ་མཁའ་དབྱིངས་ནས་མི་ཡུལ་ལ་རྟོག་སྤྲུལ་གྱི་འཇའ་ཚོན་དེ། ཡུན་ཅིག་ལ་ཤར་ཞིང་ཡལ་བའི་འཇའ་ཚོན་ཞིག ཁོང་ཚོ་ལས་ལྷ་ས་དེ་མཐར་ཐུག་ལྷ་ས་ཡིན་པ་རྟོགས་པ་མ་ཟད་ད་དུང་འཇའ་ཚོན་ལྟ་བུའི་མཛེས་སྡུག་རེ་ཤས་གྲོང་ཁྱེར་གྱི་འདུ་འཛིའི་ཟང་ཟིང་ཁྲོད་འཐིམ་ཡོད།
ལོ་ཞིག་གི་ཐེངས་ཤིག་གི་འགྲུལ་བཞུད་རིང་མོ་མཇུག་རྫོགས་པ་ནང་བཞིན། ལྷ་ས་དང་རྒྱང་ཐག་སྤྱི་ལེ་ཉིས་བརྒྱ་ལྷག་གི་འདམ་གཞུང་མཁའ་དབྱིངས་སུ་ཐོལ་གྱིས་ཤར་བའི་འཇའ་ཚོན་བཤར་མ་གཉིས་ཀྱི་སྐྱེལ་བསུའི་ཁྲོད་ང་རང་ལྷ་སར་ཕྱིར་བསླེབས་པ་ཡིན། འཇའ་ཚོན་གྱི་མཛེས་སྡུག་ཁྱད་པར་བ་དེ་དུས་ཡུན་རིང་བོར་ངའི་སེམས་ཁོངས་སུ་ཟུག ངའི་མིག་ལམ་གྱི་ལྷ་སར་འགྱུར་ལྡོག་བྱུང༌། དོན་དངོས་སུ་ལྷ་སར་འགྱུར་བ་ཐེབས་འདུག འདི་ལྟ་བུའི་གནས་ཤིག་ཏུ་ད་དུང་སྐབས་དེར་ལྷ་སའི་མཁའ་དབྱིངས་སུ་འཇའ་ཚོན་གྱི་གྲིབ་མ་ཙམ་མེད་ལ་ཡང་ན་འཇའ་ཚོན་སྔར་ནས་ཡལ་ཟིན། ཡིན་ཡང་ང་རང་ལ་འཇའ་ཚོན་ཡར་འཕགས་པའི་གནས་སུ་བསླེབས་པའི་ཚོར་བ་དྲག་པོ་ཞིག་སྐྱེས། ལྷ་སའི་མཁའ་དབྱིངས་སུ་མི་མངོན་པའི་འཇའ་ཚོན་གྱི་མཛེས་སྡུག་གིས་གཡོགས། འཇའ་ཚོན་གྱི་མཚར་སྡུག་གི་བཀྲག་མདངས་ང་ཚོའི་རྡུལ་གྱིས་ཁེབས་པའི་ཡིད་སེམས་སུ་འཕྲོས། ལོ་འགའ་ཤས་ཀྱི་སྔོན་ལ་ལྷ་སར་རྒྱལ་ཁམས་ཐ་དད་ཀྱི་སྐྱེས་འགྲོའི་དགའ་འབོད་དང་འཚོལ་སྙེག་གི་ཚིག་གཅིག་ཡོད་པ་དེ་ནི། ༼གསང་བ་ཇི་ཙམ་སྦས་སྐོང་བྱེད་སའི་གནས་ཡུལ་མེད་པའི་འཇིག་རྟེན་ཞིག་ཏུ། འདི་རུ་ཡོད་ཚད་བལྟས་པ་ཙམ་གྱིས་ཤིན་ཏུ་ཡོད་སྲིད་པ་ཞིག་རེད།༽ སྐབས་འདིར་སྔར་བཞིན་དེ་ལྟར་ཡིན་ཞིང་དེ་བཞིན་དུ་དུས་ཚོད་ཡོལ་མེད་པར་སྣང༌། ངས་ཐ་ན་ཡང་བསྐྱར་ལྷ་སར་ཤེས་རྟོགས་བྱེད་དགོས་པའི་ཚོར་བ་ཞིག་སྐྱེས། རེད་དེ་གནའ་བོ་ནས་བརྒྱུད་པའི་ཀྱག་ཀྱོག་དང་གོ་སྐབས་སྣ་མང་འཛོམས་པའི་གནས་འདི་ཡང་བསྐྱར་ཤེས་རྟོགས་བྱེད་འོས། ལྷ་ས་ཡ། ལྷ་ས་ལགས།

Sunday, November 16, 2008

ཨ་ཚོགས་ཚང་གི་གཏམ་ཚོགས།


ཨ་ཚོགས་ཚང་གི་གཏམ་ཚོགས།
སྲིན་པོ་སྦུག་དང༌ཏང་རྒྱ་སྦུག ༼ ཚན་པ་གཉིས་པ ༽





*
སྐྱོ་གར་འདི་ཡི་ཟློས་པ་འཁྲབ་པའི་ཟློས་བརྗོད་གར་གྱིས་མི་ཉུང་གི།
*
སྣ་ཚོགས་ཡིག་རིགས་དེབ་གཟུགས་ངོས་སུ་སྒྲུང་འདིའི་སྒྲུང་དཔེ་མང་ཚོད་རེད།།
*
འོན་ཏེ་ཕྱོགས་ཀྱི་ཞེན་པ་དང་ནི་རྒྱུས་མེད་རྒྱུས་གཏམ་ཁ་ཤུགས་ལས།།
*
དོན་གྱི་གཟེར་དམིག་ནོན་པའི་ཚིག་ཅིག་བཤད་མཁན་ད་རུང་མི་མང་གི།
*

*

*
འབའ་བ་ཡེ་ཤེས་ལྡི་ལིར་སྐུང་དོན་ལྷ་ཚོགས་འཁོར་གྱི་ནང་མོལ་གཅིག།
*
སྒྲོལ་མ་རྒྱལ་གྱི་གསོན་སྤག་བཤུ་མཁན་འདྲེ་ཚོགས་རྒྱབ་གྱི་བཀོལ་པ་གཉིས།།
*
གོར་མཛོད་ནང་ལ་འདྲེ་ལག་རྐྱང་མཁན་འགོང་བོའི་ནང་གི་སྐེ་རིང་གསུམ།།
*
ལྟས་ངན་རྣམས་གསུམ་ཕྱི་ལ་འགྱར་ན་ཕྱི་རབས་གཏམ་གི་རྫོབ་པོ་རེད།།
*

*
ཁམས་པ་ཀེམ་ཀྱི་མཆོད་ཁྲིའི་སྟེང་དུ་འབའ་བ་ཡེ་ཤེས་ལྷ་ནས་བྱོན།།
*
ཨམ་ཕྲུག་འགའ་ཡི་སྨྱུག་གུའི་ཁ་ན་ལྷ་ཚེ་ཙོང་ཁའི་སྐར་མར་འཁྲུངས།།
*
རྒས་འཁོག་རེ་གཉིས་འཕྲེང་རྡོག་བར་ནས་དབང་འདུས་བཀུམས་པའི་དུས་དྲན་སྲུང༌།།
*
ཁོ་བོས་གཉན་པོ་གསང་བའི་གསེབ་ནས་ཡང་གསང་བདེན་པའི་གཏམ་ཞིག་བཙལ།།
*

*
ད་ཐེངས་དགུན་གྱི་ཕྱོགས་བསྐྱོད་གོམ་ཁ་དགུན་གྱིས་བསྡམས་སོང་ཕྱིར་ལ་ལོག།
*
དོ་དགོང་དགུན་གྱི་སྙན་ངག་སྨྱུག་ཁ་དགུན་གྱིས་འཁུམས་སོང་རུམ་ལ་འཇུག།
*
འོན་ཏེ་དཔའ་བོའི་མཛད་པའི་རྗེས་ལ་ཉམས་པ་མེད་ལ་འགག་པ་མེད།།
*
འོན་ཏེ་སྡར་མ་བྲོས་པའི་རྐང་རྗེས་སུབ་རྒྱུ་མེད་ལ་འདག་རྒྱུ་མེད།།
*

*
སྐྱིད་ལ་སྡུག་པའི་གློ་མོན་ཐང་ནས་སླར་ཡང་ཁ་ཞིག་ཟིན་རྒྱུ་ན།།
*
ངུ་མ་དགོད་ཀྱི་མཚར་གཏམ་འདི་ཚོ་རྒན་གསོ་ཁང་ནས་བྲིན་རྒྱུ་ན།།
*
ཕྱི་རབས་པ་ལ་དཔྱད་གཞིར་འོས་པའི་སྒྲུང་གི་སྒྲོམ་ཞིག་འབྲི་རྒྱུ་ན།།
*
དཔའ་བོས་རྟོགས་པ་གཏམ་ཀྱིས་བརྗོད་པའི་སྐྱོ་གླུ་ཐན་ཐུན་ལོན་རྒྱུ་ན།།
*



Tuesday, October 28, 2008

བསྐལ་བའི་སྔོན་རབས་ཀྱི་ཉམས་ཞིབ་པ



བསྐལ་བའི་སྔོན་རབས་ཀྱི་ཉམས་ཞིབ་པ།

Saturday, October 25, 2008

ངའི་སེམས་ཁོང་གི་སྨུག་ལོང་ལྟ་བུའི་རི་གྲོང་།

Thursday, October 16, 2008

༧གོང་ས་མཆོག་གི་བློ་ཕམ་དང་འབོད་སྐུལ།

འདོན་སྤེལ། ༢༠༠༨/༡༠/༡༣


སྤྱི་
ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་དང་རྒྱ་རིགས་ཆོས་ཞུ་བ་ཚོ་ལ། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་གང་བྱུང་དུ་བྱེད་ཀྱིན་པའི་ཐད་མགོ་མི་འཁོར་བར། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཕན་ཚུན་ལ་གསལ་བཤད་དང་དོགས་སེལ་གནང་རོགས་ཞེས་འབོད་སྐུལ་ནན་གྱིས་ཞུས་ཡོད།

ཤར་
ཨེ་ཤ་ཡའི་རྒྱལ་ཕྲན་ཐའེ་ཝན་གྱི་དད་
ལྡན་
ཆོས་ཞུ་བ་དྲུག་བརྒྱ་ལྷག་གིས་གསོལ་འདེབས་ཞུས་པ་བཞིན། ཕྱི་ཚེས་ ༣༠ ནས་ཚེས་ ༤ བར་གྱི་ཉིན་ ༥ རིང་༧སྤྱི་ནོར་གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་བ་བཅས་ཀྱི་གསུང་ཆོས་གནང་ཡོད་ལ། ཐེངས་འདིར་ཐའེ་ཝན་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་དང༌། བཞུགས་སྒར་ཁུལ་གྱི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མི་མང་ ༣༠༠༠ ལྷག་ཡོད་པ་དང༌། གསུང་ཆོས་ཀྱི་སྔོན་འགྲོའི་སྐབས་༧གོང་ས་མཆོག་གིས། ཐའེ་ཝན་ནང་པའི་ཆོས་གྲོགས་ཚོ་དང་ང་ཚོའི་བར་དམིགས་བསལ་གྱི་འགྲེལ་བ་ཞིག་ཆགས་ཡོད། ངས་མ་འོངས་པར་ཐའེ་ཝན་ལ་ཐེངས་གཅིག་འགྲོ་ཐུབ་རྒྱུར་སྨོན་ལམ་རྒྱག་གིན་ཡོད་ལ། ཁྱེད་རང་ཚོས་ཀྱང་སྨོན་ལམ་རྒྱག་རོགས། ང་རང་ནང་པའི་དགེ་སློང་ཞིག་གི་ངོས་ནས། ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོར་ཞབས་འདེགས་བསྒྲུབ་རྒྱུ་ལས་འགན་རེད། མ་ཤི་བར་དུ་ལས་འགན་དེ་བསྒྲུབ་རྒྱུ་ཡིན་ལ། རྒྱ་ནག་སྐམ་ས་ཆེན་པོའི་མི་དམངས་ཚོ་ལ་ཡང༌། གོ་སྐབས་བྱུང་ན་ཞབས་འདེགས་བསྒྲུབ་བསམ་ཡོད། ཅེས་གསུངས་ཡོད།

ཕྱི་
ཚེས་ ༤ ཉིན་གྱི་གསུང་ཆོས་མཇུག་བསྡུའི་སྐབས་ཁོང་གིས་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཐུགས་རྗེ་ཆེན་པའི་བཀའ་དབང་གནང་ཡོད་ལ། ཐའེ་ཝན་གཙོས་པའི་རྒྱ་རིགས་ཆོས་ཞུ་བ་ཚོར་ཆེད་དམིགས་ཀྱིས། གནད་དོན་ཁག་ཅིག་གི་ཐད་ཁོང་ཧ་ཅང་བློ་ཕམ་དང་ཡིད་སྐྱོའི་གནས་སྟངས་ཆགས་ཡོད་པའི་སྐོར་དང༌། ཐའེ་ཝན་དང་རྒྱ་རིགས་ཆོས་གྲོགས་ཚོ་ཕྱིར་སོང་སྟེ། གང་ཐུབ་ཀྱིས་དོགས་སེལ་དང་གསལ་བཤད་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། སྐབས་དེར་༧གོང་ས་མཆོག་གིས་གསུངས་དོན། ཐེངས་འདིར་རྒྱ་རིགས་ཆོས་གྲོགས་ཚོར་ཐུག་རྒྱུ་དེ་ང་རང་ཧ་ཅང་གི་དགའ་བོ་བྱུང་སོང༌། ཆོས་ཕྱོགས་ནས་བཤད་ན། ངས་ནམ་རྒྱུན་བཤད་ཀྱིན་ཡོད་པ་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་ཆགས་ཡོད། ངས་གུས་འདུད་ཞུ་བཞིན་ཡོད། བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་ཚོ་དགེ་ཕྲུག་གཞོན་པའི་སར་ཆོས་གསན་དུ་ཡོང་ན། ངས་ཕྲན་བུ་ཀྲོག་ཀྲོག་བྱེད་རྒྱུ་རེད་ཅེས་ཞལ་རྩེད་དང་བཅས་ཁོང་གིས་མུ་མཐུད་གསུངས་དོན། སེམས་སྐྱོ་བ་ཞིག་ལ། ཆབ་སྲིད་ཀྱི་གནས་ཚུལ་ཐོག སྤྱི་ཟླ་གསུམ་པའི་ཚེས་ ༡༠ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ནང༌། བོད་རིགས་སྤྱི་དང་ལྷག་པར་དུ་ང་རང་ལ་ཆ་བཞག་ན། རྒྱ་མི་རིགས་ལ་ངོ་རྒོལ་བྱེད་མཁན་རེད་ཅེས་བཤད་བསྡད་ཡོད།

དེར་
བརྟེན་ང་རང་ད་ལོའི་སྤྱི་ཟླ་བཞི་བའི་ནང་ཨ་རི་དང༌། སྤྱི་ཟླ་ལྔ་བའི་ནང་འཇར་མན་དང་དབྱིན་ཡུལ་དུ་སླེབས་དུས་རྒྱ་རིགས་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་ང་ལ་ངོ་རྒོལ་བྱེད་དུ་སླེབས་སོང༌། སྐབས་དེར་ངས་ང་རྒྱ་རིགས་གསར་འགོད་པ་དེ་འདྲར་ཐུག་འཕྲད་བྱ་རྒྱུ་གལ་ཆེན་དུ་རྩིས་ཏེ་རེ་བ་བརྒྱབས་པ་ཡིན། དེ་བརྟེན། དྲ་རྒྱ་དང་ཚགས་ཤོག་རིགས་ཀྱི་སྟེང་ནས་ང་ཚོས་བསམ་བློ་གང་འདྲ་གཏོང་གིན་ཡོད་མེད་ཀྱི་དངོས་ཡོད་གནས་ཚུལ་གང་འཚམ་ཁ་གསལ་བོ་ཆགས་ཡོད་པ་འདྲ། ང་དེའི་རྗེས་ཀྱི་སྤྱི་ཟླ་དྲུག་པའི་ནང་ཨོ་སི་ཊོ་ལེ་ཡ་དང༌། ཨ་རི་དང་ཧཕྤ་རན་སི་སོགས་སུ་སོང་བ་ཡིན། སྐབས་དེ་དག་ལ་ངོ་རྒོལ་བྱེད་མཁན་དེ་འདྲ་མི་འདུག ཤུགས་ལྡན་ངོ་རྒོལ་བྱེད་མཁན་དེ་ཚོ་རྟག་པར་ཡོང་གིན་འདུག རྒྱ་ནག་གཞུང་གིས་ང་ལ་སྐྱོན་བརྗོད་ཅི་འདྲ་བྱས་ཀྱང༌། གང་ཡང་དྲན་གི་མི་འདུག ང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས། བློ་སྦྱོང་ནང༌། བདག་ལ་གཞན་གྱི་ཕྲག་དོག་གིས། །རྗེས་བཀུར་ལ་སོགས་མི་རིག་པས། །གྱོང་ཁ་རང་ལ་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །ཅེས་པའི་བསླབ་བྱ་དེ་བརྒྱ་ཆའི་བརྒྱ་ཞེས་ན་དཀའ་མོ་རེད་དེ། གང་ལ་གང་འཚམ་ངས་ཉམས་ལེན་གནང་གིན་ཡོད། འོན་ཀྱང༌། རྒྱ་གཞུང་གི་དྲིལ་བསྒྲགས་དེ་འདྲའི་དབང་གིས། རྒྱ་ནག་ནང་གི་ནང་པ་དང༌། དངོས་ཡོད་གནས་ཚུལ་ཤེས་རྒྱུར་གོ་སྐབས་མེད་པ་ཚོས། ཨོ། ཏཱ་ལའི་བླ་མ་ཟེར་བ་དེ་སྡུག་ཅག་ཞེ་དྲག་རེད་དྲན་ན། ང་ཏོག་ཙམ་བློ་ཕམ་གི

སྤྱིར་
ལོ་རྒྱུས་ཐོག་ནས་བཤད་ན་རྒྱ་ནག་ནང་པ་ཤུགས་ཆེ་པའི་ལུང་པ་ཆགས་ཡོད། དེ་འདྲ་ཡིན་དུས་ང་ནང་པའི་དགེ་སློང་ཞིག་གི་ངོས་ནས་མི་རིགས་ཀྱི་དབྱེ་བ་གང་ཡང་ཡོད་པ་མ་རེད། སུ་ལ་ཕན་ཐོགས་པ་ཞིག་བྱུང་ན། དེ་ལ་ཕན་འདོགས་དགོས་པ་རེད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གནས་ཚུལ་བྱུང་བའི་རྗེས་ལ། ངས་སེམས་ཤུགས་བསྐྱེད་དེ་སྨོན་ལམ་བརྒྱབས་པ་ཡིན། མ་འོངས་པར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མི་གསོད་ཁྲག་སྦྱོར་བྱེད་སའི་ས་དེར་དུས་འཁོར་དབང་ཆེན་ཞིག་བསྐུར་ཐུབ་ན། ཞེས་སྨོན་ལམ་བརྒྱབས་པ་ཡིན་ལ། ནམ་རྒྱུན་དེ་ལྟར་བཤད་ཀྱིན་ཡོད། ད་དུང་ཡིན་ནའང་ངོས་ཀྱི་བསམ་བློ་དེ་ལ་འགྱུར་བ་གང་ཡང་མེད། གོ་སྐབས་བྱུང་ན་ངས་རྒྱ་ནག་མི་དམངས་ལ་ཞབས་འདེགས་བསྒྲུབ་བསམ་ཡོད་ཀྱང༌། དྲིལ་བསྒྲགས་དེ་འདྲ་ཤུགས་ཆེན་པོ་བྱས་ཡོང་དུས། རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་མ་རྟོགས་པ་ཚོས་བློ་ཕམ་ན། མ་འོངས་པར་ཞབས་འདེགས་བསྒྲུབ་སའི་སྒོ་རྒྱག་གིན་འདུག་དྲན་སྟེ། ང་ཏོག་ཙམ་བློ་ཕམ་གི

དེ་
བཞིན་སྔོན་མ་ང་ཐའེ་ཝན་ལ་ཐེངས་གཉིས་ལ་སོང་སྟེ། མཐོང་ཚུལ་ཧ་ཅང་ཡག་པོ་བྱུང༌། ལོ་རེ་མཚམས་ནས་ཐའེ་ཝན་ལ་ཐེངས་རེར་འགྲོ་བསམ་སྟེ། ངས་གྲ་སྒྲིག་བྱས་ནས་བསྡད་ཡོད། སྤྱིར་ཐའེ་ཝན་མི་དམངས་དང༌། སྒོས་ནང་པ་ཚོ་ལ་ཞབས་འདེགས་ཅུང་ཙམ་བསྒྲུབ་ཐུབ་གི་རེད་བསམ་ཡོད། ཉིས་སྟོང་གཉིས་ལོ་ནས་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་ཞིག་བྱུང་སྟེ། རྒྱ་ནག་གཞུང་གིས་ང་ཐའེ་ཝན་དུ་སོང་ན་འགྲིག་གི་མ་རེད། ཅེས་བཤད་བསྡད་པའི་རྐྱེན་གྱིས་ད་ལྟའི་བར་ང་ཐའེ་ཝན་ལ་འགྲོ་མ་ཐུབ་པ་རེད། དེར་བརྟེན། རྒྱ་ནག་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་དེ་ཡང་མེད་པར་ཆགས། ཐའེ་ཝན་མི་དམངས་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡང་ཁག་པོ་ཞིག་ཆགས་ཡོད་པ་དག་ལ། ང་ཏོག་ཙམ་སེམས་སྐྱོ་གི

འདི་
འདྲ་བའི་དུས་སྐབས་ཤིག་ལ་ཁྱེད་ཚོ་འདིར་ཡོང་སྟེ། ང་ལ་ཐུག་ཐུབ་པ་བྱུང་བར་ང་ཧ་ཅང་གི་དགའ་སྤྲོ་སྐྱེས་བྱུང༌། ཁྱེད་རང་ཚོ་ཐའེ་ཝན་ཡིན་ན་འདྲ་ལ། རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ཡིན་ནའང་འདྲ། ཕྱིར་སོང་སྟེ་གྲོགས་པོ་ཚོ་ལ་གསལ་བཤད་གནང་རྒྱུའི་གོ་སྐབས་བྱུང་ན། གང་ཐུབ་ཐུབ་ཀྱིས་དངོས་ཡོད་གནས་ཚུལ་གང་འདྲ་ཡིན་པ་དེ་བཤད་རོགས་ཞེས་བཤད་རྒྱུ་ཡིན། ཞེས་ཐུགས་སྣང་ཆེན་པོས་བཀའ་སློབ་བསྩལ་སོང༌།

ཕ་ས་འདིའི་གསེར་མདིོག



སྡེ་བའི་འདིའི་ཆང་ཁང་ནང་དུ་ང་རོ་ལངས་ཆང་གིས་བཟི་འདུག ཁོ་ར་བཟི་སྐབས་སྡེ་འདབས་ཀྱི་དུར་ཁྲོད་ནང་དུ་སྙན་ངག་ཁ་ཤས་བྲིས་འདུག་ཟེར། ཡིན་ནའང༌། འདི་ནི་སྡུག་ཡུས་ཀྱི་འབོད་པ་ཞིག་རེད་ཅེས་ཁོའི་གྲོགས་པོ་ང་དུར་ཁྲོད་ཀྱིས་གླེང་བཞིན་འདུག ཡོད་ཚད་ཀྱི་འགྱུར་བ་འདི་ནི་རང་དབང་གི་ལྷ་མོ་འབོད་པའི་གསང་གཞན་ཁ་ཤས་རེད། མདོར་བསྡུས་ན་ཁོ་བཙོན་ཁང་ནང་དུ་ལྷུང་འདྲའི་ན་ཟུག་ཅིག་ཁྲག་གི་རྒྱུ་ལམ་དུབཞུར་་བཞིན་ཡོད་པ་འདྲ། ཁོའི་གྲོགས་པོ་ཚོས་ཁོ་ལ་ཆང་མ་འཐུང་ཟེར་མོད་དེ་ནི་རྣ་རྒྱབ་ཀྱི་རླུང་དང་གཅིག་མཚུངས་ཡིན་ཞེས་ཁོས་ང་དུར་ཁྲོད་ལ་གླེང་འདུག སྡེ་བ་འདིའི་རྒན་དར་གཞོན་གསུམ་གྱིས་ཁོ་དང་ང་དུར་ཁྲོད་གཉིས་མི་གྲལ་ནས་ཕུད་སོང་ན་ཡང་ཁོ་གཉིས་ཚོར་བ་མེད་པའི་སྡོང་དུམ་ཞིག་དང་མཚུངས། ད་ནངས་སྔ་དྲོ་འོད་ཀྱི་འགྱུར་བ་དང་ལྷན་ང་རོ་ལངས་ཀྱིས་ང་དུར་ཁྲོད་ལ་གློག་འཕྲིན་ཞིག་བསྐུར་འདུག་པའི་ནང་ཁོ་བོ་ལ་རང་དབང་མེད་ཚུལ་དང༌། ཁྱེད་རང་ཡང་ལམ་ལོག་ཏུ་བསྐྱོད་བཞིན་པ་འཚམས་འཇོག་བྱས་ཏེ་གནམ་འོག་གི་བཀྲ་མཚོ་ཐེངས་གཅིག་ལྟ་རུ་འགྲོ་རོགས་ཞེས་བཀོད་འདུག ཉིན་གུང་ཆུ་ཚོད་༡༢སྐར་མ་༡བོའི་ཐོག་རླུང་ཡོར་དང་ཆབ་རྒྱུན་སོགས་ཀྱིས་ང་རོ་ལངས་འཚོལ་བཞིན་ཡོད། འདི་ནི་ང་རོ་ལངས་རང་དབང་གི་ཆེད་དུ་ཆང་ཁང་ནང་དུ་སོང་བའི་ཉིན་གསུམ་པ་ཡིན་ལ། ང་དུར་ཁྲོད་དང་གྲོགས་པོ་བསྒྲིགས་པའི་ལོ་ལྔ་བ་དེ་ཡང་རེད། བསྟུན་མར་དོན་རྐྱེན་ཐེངས་ཁ་ཤས་བྱུང་རྗེས་སྡེ་བ་འདིའི་ཉེ་འཁོར་ཀུན་ཏུ་རླུང་ལྟར་གྲགས་བཞིན་པ་ནི་ང་རོ་ལངས་དང་ང་དུར་ཁྲོད་གཉིས་ཀྱིས་མི་གསུམ་བསད་སོང་ཟེར། ཐོག་མར་གཏམ་འདིའི་འབྱུང་ཁུངས་ནི་ཡེ་ཤེས་བཟང་བོ་རེད། འདི་བདེན་པ་ཡིན་མིན་མ་ཤེས་ཀྱང་གང་ལྟར་ང་རོ་ལངས་དང་ང་དུར་ཁྲོད་གཉིས་སྡེ་བ་འདིའི་ནང་དུ་ཡོང་ས་ཡོད་པ་མ་རེད། གཏམ་རྒྱུད་དེ་འདི་ནས་འགོ་བརྩམས་ཤིང་བཞུར་བཞིན་ཡོད་པ་རེད། ད་དུང་ཡང་་་་་་་་་་
ཟིན བྲིས སྤེལ་མཁན། ང་དུར་ཁྲོད། འདོན་སྤེལ། 10:30 PM 1 བསམ་འཆར་འདོན་པ།
Saturday, September 13, 2008

སེམས་ཀྱི་ཁེན་ས།
མུ་མེད་འཁོར་བའི་གནས་ཚང་སྐྱ་བོ།།ལན་ཅིག་མགྲོན་ལ་འབྱོར་བའི་མི་རྐྱང༌།།རྟེན་འབྱུང་ཟབ་མོས་གཅིག་ཏུ་བསྡུས་པར།།སྐྱོ་གདུང་མཆི་མས་ཁ་བྱང་བྲིས་ཐལ།།ཨ་ཐང་ཆད་པའི་མི་ཚེའི་བཤུལ་ལམ།།རིང་བར་བསམ་པ་འཁྲུལ་བའི་གཞི་རྩ།།སྐད་ཅིག་ཙམ་གྱིས་ཕྱོགས་སུ་འཁྱར་དུས།།མནོག་ཆུང་སེམས་ཀྱི་ཁེན་ས་དྲན་བྱུང༌།།ཆུང་ཆུང་ལུས་སེམས་བརྩེ་བས་བསྐྱངས་ཏེ།།དགའ་བའི་གཏམ་གྱིས་ངོ་སོ་བསྟོད་པའི།།བཅོ་ལྔའི་སྔོན་གྱི་ཕ་མའི་དུངས་ཀ།དེ་རིང་དྲན་ན་ལྷག་ཏུ་སྐྱོ་བ།།བྲལ་བའི་རྗེས་ཀྱི་དྲན་པའི་རི་མོ།།སྐྲ་ལོ་ཁ་བས་ཟོས་པ་འདིས་མཚོན།།མཚོན་དུ་མེད་པ་སེམས་ཀྱི་ན་ཟུག།བླུན་པོ་དགའ་བའི་གཏམ་དུ་མི་སྐྱུར།།ཐོབ་དཀའི་མི་ཚེའི་ལག་ཡོང་གཅིག་བུ།།བརྗེད་དུ་མེད་པའི་དང་བོའི་འཚོ་བ།།ལུས་སེམས་སྒྱུ་མའི་སྣང་བ་ཞིག་ཚེ།།མི་ཡུལ་ཁམས་འདིར་ཤུལ་དུ་བསྐྱུར་ཆོག།འཛོམས་པའི་མཐའ་དེ་འབྲལ་བས་བསུབ་ཏེ།།བར་ཐག་མིག་ཆུས་མཚོ་ཡིས་བཅད་ཀྱང༌།།རང་ཡུལ་འབའ་ཆུ་སྔོན་མོའི་ཕྱོགས་ལ།།གཉེན་ཉེའི་དུངས་ཀ་ཆོད་ཐབས་མི་འདུག།ཡུན་རིང་མ་སྟོར་སེམས་ཀྱི་ཁེན་ས།།ད་དུང་མི་འབོར་མི་ཚེའི་སྙིང་བོ།།ནམ་ཞིག་འབའ་ཡུལ་ལུ་གུའི་རྩེད་རར།།འཁོར་མེད་དྲིན་ལན་ཅན་དེར་འཕྲད་ན།།མ་བཅོས་སེམས་ཀྱི་གཏམ་གྱི་ཕྲེང་བ།།དྲན་གདུང་མཆི་མའི་སྐུད་པར་བརྒྱུས་ཏེ།།ཡུན་རིང་བོར་བའི་བུ་ལ་འཕྲད་པའི།།བྱམས་སེམས་ཅན་དེའི་སྙན་དུ་འབུལ་ལོ།།འདོན་སྤེལ།: ༢༠༠༨/༠༩/༡༢
ཟིན བྲིས སྤེལ་མཁན། ང་དུར་ཁྲོད། འདོན་སྤེལ། 3:16 AM 3 བསམ་འཆར་འདོན་པ།
Subscribe to: Posts (Atom)
བདག་པོ་ང་དུར་ཁྲོད།
མ་ཤི་བའི་སྔ་རོལ་དུ།

My Blog List

ཆང་ཁང་ནག་པོའི་གླུ།
སུ ཞིག་གི་རྨི་ལམ་ལྟ་བུའི་འཚོ་བ་འདི།
1 week ago

Subscribe To
Posts
Atom
Posts
All Comments
Atom
All Comments

Webmaster Search Engine

Quick Blog

མཛེས་མའི་འཇོ་སྒེག་གི་བྲོ་བ།

ཟིན་བྲིས་ཚོགས་པ། (1)
Follow this blog
Stop following

1 Follower View All Manage

མཛངས་མ་ཚེ་རིང་སྐྱིད།


དགེ་ཆོས་ཀྱི་དུར་ས།
ཤིས་ཚང་བའི་ཟིན་བྲིས།
གནམ་འོག་གི་བཀྲ་མཚོ།

ཉི་འོད་དང་རང་བྱུང་་གི་རྣམ་པ།

ཉི་མ་ལྷ་ས་དང་དེའི་ཉེ་འཁོར་གྱི་བྱ་ཚང་།

འདས་པོ་སྟག་འཚེར་ཚང ་།
འོད་སྣང་ནུབ་སོང་།

དུར་ཁྲོད་ཀྱི་ཁྱིམ་དང་རོ་ལངས་ཚང །
དུར་ཁྲོད་ཚང གླུ་བ་མར་འགྲོ་ཞིག་གི་ན་ཟུག་ཡིན དུས་དབང་གི་ཆུང་མ་དེར་ཐུག་མེད་ན ཁྱོད་སུ་ཚང་གི་ཇག་པ་ཡིན་སྲིད

དུས་ཀྱི་འཁོར་འགྲོས།


བྱ་བརྒྱ་འཕུར་ཤུལ་གྱི་མགྲོན་པོ།
རྫོགས་མེད་ལུས་ཀྱི་མྱངས་བྱར་ཕ་མཐའ་མེད་པས།།བྱེ་མའི་འཇིག་རྟེན་འདི་ནས་སྤོབས་པ་རྙེད་བྱུང་།།ཚེ་ཡི་རི་མོ་རྙིང་ནས་ཡལ་རག་བར་དུ།།བདག་གི་ཚོར་སྣང་གླུ་ཡི་སྐད་ལ་འཐིམས་སོང་།།¡¡བཟི་ཁས་རྨི་ལམ་མྱངས་པའི་མི་ཆེན་དེ་ཚོ།།ནམ་མཁའི་བྱ་ཆེན་དག་གི་སྐྱེ་བ་ཡིན་འདུག།སྲོད་ཀྱི་གྲིབ་ནག་འགུལ་བའི་གཟུགས་ལ་བལྟས་ནས།།མཁའ་ཡི་སྤྲིན་པ་གཤགས་ནས་འཕུར་ཚུལ་སྔ་སོང་།།¡¡བཙན་གྱི་འཛུལ་ཞལ་སྟོན་པའི་རི་ཁའི་མི་ལ།།གསར་འབྱོར་གླུ་བ་ཞིག་གི་མགྲིན་པ་བཏེགས་ཡོད།།རྒས་མེད་དུངས་སྣང་ཞིག་གི་དྲན་ཤིང་བར་ནས།།སླར་ཡང་བརྩེ་བའི་གནའ་གཏམ་འཆད་ལ་ཉན་ཡོད།།¡¡སྲོག་གི་དབྱངས་རྟ་ཡོད་པའི་ཕོ་བྲང་ཞུགས་ཚེ།།སྐྲ་ཡི་སྐུད་པ་ཆད་པའི་བར་ཆད་བྱུང་ནས།།ཉི་མའི་འཁར་བར་ཁེན་པའི་རྨི་ལམ་རེ་རེ།།འདི་ལྟར་མཇལ་འཛོམས་ཞིང་གི་མིག་ཆུ་ཡིན་འགྲོ།།¡¡སྐྲ་ལོ་མི་ཁས་ཁུར་བའི་གླུ་བ་རེ་རེ།།ལམ་ཁའི་གྲོང་ཚོ་ཞིག་གི་མགྲོན་པོ་ཡིན་པས།།ཕུགས་བསམ་ཀ་ཁའི་རྣམ་ཤེས་ཇི་སྲིད་གསོན་ན།།ཚིག་གི་གྲོང་ཁྱེར་བསྐྲུན་ལ་ང་རང་ཤི་མེད།།རྩོམ་པ་པོ། འཁྱམས་པོ་གངས་རིའི་འོད་ཟེར། ལྷོ་ཕྱོགས

སྨད་འཚོང་མའི་ཁྱིམ།

ཆང་ཁང་ནག་པོའི་གླུ།
སུ ཞིག་གི་རྨི་ལམ་ལྟ་བུའི་འཚོ་བ་འདི།
1 week ago

སྒོ་ཁྱི།
ཀླུ་བསམ་བློ་བ།

ངའི་ཕ་ཡུལ་གྱི་མི།
ཀླུ་བསམ་བློ་བ།

པོད་ཁུག་གི་སྡེ་ཚན་ཕྱོགས་བསྒྲིགས།
2008 (9)
September (6)
སེམས་ཀྱི་ཁེན་ས།
རང་དབང་མེད་པའི་འཇིག་རྟེན་དང་དེའི་ཁ་དོག
བསམ་གཞིག་བསྐྱར་མ།
ཅིས་ཀྱང་གཉིད་དགོས།
གདན་ས་ཁག་གིས་དུས་རབས་ལ་ངོ་རྒོལ་བྱེད་ཀྱིན་འདུག
ཆང་ཁང་ནག་པོའི་གླུ།
October (3)
དུས་དང་སྐབས་ད་དུང་དྲིན་ལན་ཅན་གྱི་མི་མང་པོས་གཟུགས་མ...
མཆོག་གྲབ་ལ་ཕུལ།
སུ ཞིག་གི་རྨི་ལམ་ལྟ་བུའི་འཚོ་བ་འདི།

དྲན་སླ་བའི་ཁྱོད། བརྗེད་དཀའ་བའི་ཁྱོད།

ང་དུར་ཁྲོད།
ཡོད་ཚད་ཁྱེད་ཀྱི་ཆེད་དུ་ཡིན་ཟེར་འདོད། རྒྱུ་མཚན་གང་ཡང་མེད་པའི་བརྩེ་དུང་གི་ང་དུར་ཁྲོད་ཀྱི་ཁྱིམ་ལ་ཤོག་དང ། ཁྱོད་དེའི་བདག་མོ་ངོ་མ་དེ་ཡིན། View my complete profile

སྦྱིན་པ།


བོད་ཀྱི་བུ་མོ།


སྤུན་ཟླ།


ཕྱིུར་ཕྱོགས་པ།

P-±ô-PÞ-PG-GÛÅ-ºiïÅ-mÅüüÇÀ¼-»P-¤ÛG-Vß-»ÛÅ-HïÅ-¼ÞP.üüfÞm-GTÛG-¾z-JÀïP-GÛ-Fôh-mÅüü¯ïh-¼Ð-JÀâ-Ç+h-ˆÛÅ-zBPÅ-VôGü

Saturday, October 11, 2008